才让措姆 - 果洛尖参

才让措姆 - 果洛尖参

ཚེ་རིང་མཚོ་མོ།

ཚིག དམེ་ཚང་རྟ་ཁོ།

དབྱངས། འབྲུག་ཡུལ་དམངས་གཞས།

གཞས་པ། མགོ་ལོག་རྒྱལ་མཚན།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

རི་གླུ་རྫ་ལ་མ་འཐེན།

ང་རང་སྨྲེང་སླ་བས།

སྙིང་གི་ཟུངས་ཁྲག་ཁོལ་མ་འདི།

ངག་ལ་བསྐྱོར་ནས་ཡོད།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

ལན་བུ་རླུང་ལ་མ་སྐྱོད།

ང་ཡིས་དྲན་སླ་བས།

བརྩེ་བའི་འོ་ཆུ་གདུ་མ་དེ།

གླུ་རུ་བཀུགས་ནས་ཡོད།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

བཞོ་དབྱངས་ལྷས་ནས་མ་འཐེན།

ང་རང་བཟི་སླ་བས།

འཇིག་རྟེན་སྣང་བ་ཟབ་མོ་དེ།

གླུ་ལ་དྲངས་ནས་ཡོད།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

སྒེག་བྲོ་ལྡེམ་ལྡེམ་མ་འཁྲབ།

ང་རང་སྨོན་སླ་བས།

གཞོན་པའི་ནང་སེམས་གཙང་མ་དེ།

གླུ་རུ་བླངས་ནས་ཡོད།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

འཛུམ་གྱི་པད་ཆུང་མ་བཞད།

ང་ཡིས་ཚོར་སླ་བས།

སྲིད་པའི་ཕུན་ཚོགས་ཁྲ་ཁྲ་དེ།

གླུ་རུ་བླངས་ནས་ཡོད།

སེམས་དགའ་བའི་བུ་མོ།

ཚེ་རིང་མཚོ་མོ་ཁྱེད་ཡིན།

མཛུབ་དཀྲིས་རྟེན་དུ་མ་སྐུར།

ང་རང་གདུང་སླ་བས།

སྙིང་ཆུང་དམར་པོའི་འཕར་ལྡིང་དེ།

གླུ་རུ་བླངས་ནས་ཡོད།

མི་ཉག་པདྨ་ཚེ་དབང་གིས་རོལ་མོ་གླིང་ནས།

00:00 / 03:55
请求失败,请刷新重试!
  1. 1 才让措姆 果洛尖参

才让措姆-果洛尖参.mp3

才让措姆-果洛尖参-歌词.lrc

才让措姆 - 果洛尖参
ཚེ་རིང་མཚོ་མོ།
ཚིག དམེ་ཚང་རྟ་ཁོ།
དབྱངས། འབྲུག་ཡུལ་དམངས་གཞས།
གཞས་པ། མགོ་ལོག་རྒྱལ་མཚན།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
རི་གླུ་རྫ་ལ་མ་འཐེན།
ང་རང་སྨྲེང་སླ་བས།
སྙིང་གི་ཟུངས་ཁྲག་ཁོལ་མ་འདི།
ངག་ལ་བསྐྱོར་ནས་ཡོད།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
ལན་བུ་རླུང་ལ་མ་སྐྱོད།
ང་ཡིས་དྲན་སླ་བས།
བརྩེ་བའི་འོ་ཆུ་གདུ་མ་དེ།
གླུ་རུ་བཀུགས་ནས་ཡོད།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
བཞོ་དབྱངས་ལྷས་ནས་མ་འཐེན།
ང་རང་བཟི་སླ་བས།
འཇིག་རྟེན་སྣང་བ་ཟབ་མོ་དེ།
གླུ་ལ་དྲངས་ནས་ཡོད།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
སྒེག་བྲོ་ལྡེམ་ལྡེམ་མ་འཁྲབ།
ང་རང་སྨོན་སླ་བས།
གཞོན་པའི་ནང་སེམས་གཙང་མ་དེ།
གླུ་རུ་བླངས་ནས་ཡོད།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
འཛུམ་གྱི་པད་ཆུང་མ་བཞད།
ང་ཡིས་ཚོར་སླ་བས།
སྲིད་པའི་ཕུན་ཚོགས་ཁྲ་ཁྲ་དེ།
གླུ་རུ་བླངས་ནས་ཡོད།
སེམས་དགའ་བའི་བུ་མོ།
ཚེ་རིང་མཚོ་མོ་ཁྱེད་ཡིན།
མཛུབ་དཀྲིས་རྟེན་དུ་མ་སྐུར།
ང་རང་གདུང་སླ་བས།
སྙིང་ཆུང་དམར་པོའི་འཕར་ལྡིང་དེ།
གླུ་རུ་བླངས་ནས་ཡོད།
མི་ཉག་པདྨ་ཚེ་དབང་གིས་རོལ་མོ་གླིང་ནས།
查看全部

如在线播放和下载错误 请更换浏览器刷新重试 或 提交反馈
点击这里播放